གྲུ་ཟུར། Corner

February 12, 2008

བོད་ཀྱི་རང་དབང་རྩོམ་པ་པོ་ཚེ་རིང་འོད་ཟེར།

Filed under: Uncategorized — tibetanboy @ 4:21 pm

 

བོད་ཀྱི་རང་དབང་རྩོམ་པ་པོ་འོད་ཟེར།

མིང་ཧྲིལ་བོར་ཚེ་རིང་འོད་ཟེར། མོ། བོད། ཕྱི་ལོ་༡༩༦༦་ལོར་རིག་གནས་གསར་

བརྗེ་ཆེན་མོའི་ལས་འགུལ་ཁྲོད་ལྷ་སར་སྐྱེས་ཤིང་། ཕ་ཡུལ་བོད་མདོ་ཁམས་སྡེ་དགེ་

ནས་ཡིན་པ་དང་། ༡༩༨༨་ལོར་རྒྱ་ནག་ཁྲོམ་འདུས{རྒྱས་ཁྲིན་ཏུའུ་འབོད། གྲོང་ཁྱེར་

ནང་ཡོད་པའི་ལྷོ་ནུབ་མི་རིགས་སློབ་གྲ༖་ཆེན་མོ་ནས་མཐར་ཕྱིན་རྗེས། དུས་ཡུན་རིང་

བོར་ལྷ་སའི་<བོད་ཀྱི་རྩོམ་རིག་སྒྱུ་རྩལ་>རྒྱ་ཡིག་དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་་་་

བཞེས། བརྩམས་ཆོས་གཙོ་བོ། བོད་དེ་ཡང་སྟེང་ན། ཞེས་པའི་སྙན་རྩོམ་དང་ལྷུག་

རྩོམ་<བོད་གདངས་སུ་གྱེར་བའི་སྙན་རྩོམ།>འབོལ་རྩོམ་<བོད་ངུར་སྨྲིག་གི་ས་ཁྲ་>

ཞེས་པ་དང་བོད་ཀྱི་རིག་གནས་སྐོར་བྲིས་པའི་<བོད་ཀྱི་དྲན་ཐོ་><དང་གསར་བྲ་བརྗེ་>

<ཕྲེང་བར་བརྒྱུས་པའི་གཏམ་རྒྱུད་>སོགས་དང་། བརྩམས་ཆོས་མང་པོ་ཞིག་ཐེ་ཝན་དང་

ཧོང་ཀོང་གི་པར་སྐྲུན་ཁང་ནས་འདོན་སྤེལ་བྱས་ཡོད་པ་མ་ཟད། དབྱིན་ཡིག་དང་ཧྥ་

རན་སིའི་ཡི་གེར་ཡང་བསྒྱུར་ཡོད། ད་ལྟ་འོད་ཟེར་ལགས་ནི་རང་དབང་གི་རྩོམ་པ་པོ་

ཞིག་ཡིན། ཁོ་མོའི་གསར་རྩོམ་གྱི་ལྟ་བའམ་ཁ་ཕྱོགས་ནི་རྩོམ་འབྲི་བ་ནི་ཡུལ་སྐོར་དང་

རྩོམ་འབྲི་བ་ནི་གསོལ་འདེབས། རྩོམ་འབྲི་བ་ནི་དངོས་མཐོང་གི་དཔང་རྟགས་

ཟིན་ཐོ་ཡིན། ཟེར།

August 11, 2007

Internetནི་གང་འདྲ་བྱས་ནས་བྱུང་བ་རེད།

Filed under: Uncategorized — tibetanboy @ 11:50 am

༡༩༦༩ལོར་ཨ་མེ་རི་ཀའི་རྒྱལ་སྲུང་པུའུ་མཐོ་རིམ་ཞིབ་འཇུག་འཆར་གཞི་དོ་དམ་ཁང་གི

DARPAཡིས་དམག་དོན་ཞིབ་འཇུག་སྔར་ལས་རྒྱབ་སྐྱོར་བྱེད་ཆེད།ཞིབ་འཇུག་རང་

བཞིན་གྱི་དྲ་རྒྱDARPANETAཟེརབ་ཞིག་གསར་འཚུགས་བྱས་པ་རེད།དེ་ནས་

འཆར་གཞི་ལྟར་སྐུད་མེད་གློག་འཕྲིན་སྣ་ཚོགས་དང་དེ་མིན་སྲུང་སྐར་དྲ་རྒྱ་བཅས་འབྲེལ་

མཐུད་བྱས་ནས་ཕན་ཚུན་བར་འཕྲིན་བརྡ་སྐྱེལ་རེས་བྱས་ཤིང་། སྐབས་དེར་རྩིས་འཁོར་བཞི་

ལས་སྦྲེལ་མཐུད་བྱས་མེད། ༡༩༨༣ལོརDARPA ཡིསDARPA-NET གཙོ་

བྱས་ཏེ་སྔ་མའི་དུས་ཀྱིInternetགསར་འཛུགས་བྱས་པ་རེད།ལོ་རབས༨༠ཡི་མཇུག་ཏུ་

ཨ་མེ་རི་ཀའི་རྒྱལ་ཁབ་ཚན་རིག་ཐེབས་རྩ་ཚོགས་པNSFཡིས་མ་དངུལ་བཏང་ནས་རོགས་

སྐྱོར་བྱས་ཏེNSFNETཡིསDARPANETཚབ་བྱས་ཏེInternetཡི་

གཙོ་གཞུང་དྲ་རྒྱ་གསར་བ་ཞིག་ཏུ་གྱར།དེའི་རྗེས་ཨ་མེ་རི་ཀ་སྲིད་གཞུང་གིསInternet

སྤྱི་དམངས་ལ་སྒོ་འབྱེད་པ་དང་ཆབ་ཅིག་རྒྱལ་ཁབ་གཞན་དག་གི་རྩིས་འཁོར་དང་དྲ་རྒྱ་འབྲེལ་

མཐུད་བྱེད་རྒྱུའི་གྲོས་ཐག་བཅད། དེ་འདྲ་བྱས་ནས་མཇུག་མཐར་འཛམ་གླིང་ཡོངས་ཀྱི་སྦྲེལ་

མཐུད་དྲ་རྒྱ་རུ་གྱུར་བ་རེད།

གསུང་རྩོམ་གྲགས་ཅན། ༧རྡུལ་ཕྲན་གཅིག་ཁོ་ནའི་ནང་གི་འཇིག་རྟེན།

Filed under: Uncategorized — tibetanboy @ 3:34 am

              

རྡུལ་ཕྲན་གཅིག་ཁོ་ནའི་ནང་གི་འཇིག་རྟེན་ཞེས་པའི་དེབ་འདི་ཉིད་༧གོང་ས་མཆོག་གིས་ལོ་མང་རིང་ཚན་རིག་

དང་ནང་ཆོས་གཤིབ་བསྡུར་སྒོས་ཞིབ་འཇུག་བྱས་འབྲས་ཀྱི་གྲུབ་དོན་ཞིག་ཡིན་ཞིང་།  དེབ་འདིར་སྔོན་གླེང་དང་། 

མཇུག་གཏམ་མ་བརྩིས་པའི་དངོས་གཞིའི་ལེའུ་དགུ་ཡོད་པ་ནི། ལེའུ་དང་པོ། རྟོག་དཔྱོད། ལེའུ་གཉིས་པ། ཚན་

རིག་དང་འཕྲད་པ། ལེའུ་གསུམ་པ། སྟོང་ཉིད། ལྟོས་གྲུབ། གཟུགས་ཀྱི་ཆུང་མཐའ། ལེའུ་བཞི་བ།འབར་གས་

ཆེན་པོ་དང་། ནང་ཆོས་ཀྱི་ཐོག་མ་མེད་པའི་འཇིག་རྟེན། ལེའུ་ལྔ་བ། རང་བཞིན་འཕེལ་རིམ། ལས་དང་སེམས་

ཅན་གྱི་འཇིག་རྟེན། ལེའུ་དྲུག་པ། རྣམ་ཤེས་དང་འབྲེལ་བའི་གནད་དོན། ལེའུ་བདུན་པ། ཚན་རིག་རྣམ་ཤེས་

ཀྱི་ཕྱོགས་སུ་བསྐྱོད་པ། ལེའུ་བརྒྱད་པ།རྣམ་ཤེས་ཀྱི་རིགས། ལེའུ་དགུ་བ། ཀུན་སྤྱོད་དང་རིགས་རྒྱུན་གསར་བ།

མཇུག་བསྡུ།  ཚན་རིག སེམས་ཁམས། འགྲོ་བ་མི། ཞེས་པ་བཅས་སྔོན་གླེང་དང་དངོས་གཞིའི་ལེ་ཚན་མཇུག་

བསྡུ་བཅས་ལྷན་དུ་སྡེ་ཚན་བཅུ་གཅིག་ཡོད། དེབ་ཀྱི་རྩོམ་སྒྲིག་གཙོ་འགན་པ་ཐུབ་བསྟན་སྦྱིན་པ་དང་། ཁོང་གི་

ལས་རོགས་ཡསེ་ཨེལ་སེནར་ཡིན་ཞིང་། ཉིས་སྟོང་ལྔ་ལོའི་ཟླ་བཅུ་བར་ཨ་རིའི་དཔར་ཁང་ཞིག་ནས་དཔེ་སྐྲུན་

བྱས་ཡོད། དེབ་འདིའི་སྐོར་༧གོང་ས་མཆོག་རང་གིས་སྔོན་གླེང་ནང་གསུངས་གསལ། འདས་པའི་ལོ་སུམ་ཅུའི་

ནང་ངོས་ནས་ཚན་རིག་པ་མི་སྒེར་ལ་ཐུག་འཕྲད་དང་། བགྲོ་གླེང་བྱེད་རྒྱུའི་གོ་སྐབས་གང་མང་བྱུང་། ཐུག་

འཕྲད་སྐབས་ངོས་ནས་ཚན་རིག་པའི་བསམ་བློའི་གཞི་རྩའི་མ་དཔེ་དང་། དཔྱད་ཞིབ་བྱ་ཚུལ། དེ་བཞིན་ལྟ་གྲུབ

བྱེ་བྲག་པ་དང་། གསར་རྙེད་རིག་པའི་ཕན་ནུས་བཅས་ཤེས་ཐབས་ལ་རྟག་ཏུ་འབད་བརྩོན་བྱས་པ་ཡིན། འོན་

ཀྱང་ངོས་ནས་ཚན་རིག་ལ་བསམ་བློ་གཏིང་ཟབ་བཏང་བ་དེ། དེའི་ཕན་ནུས་ཤེས་པ་བརྒྱུད་དངོས་ཡོད་གནས་

ཚུལ་རྟོགས་ཐབས་ཙམ་གྱི་ཆེད་དུ་མ་ཡིན་པར། དེ་བས་གལ་ཆེ་བ་ཚན་རིག་གིས་མིའི་གལ་གནད་དང་བཟང་

སྤྱོད་ལ་ཕན་ནུས་ཇི་དྲ་ཞིག་ཐེབས་མིན་གྱི་འགག་རྩ་དེ་ཡིན།འདས་པའི་ལོ་དེ་དག་ནང་ངོས་ནས་འཚོལ་ཞིབ་

ཤུགས་ཆེ་ཤོས་བྱ་ཡུལ་གྱི་ཚན་རིག་གི་སྡེ་ཚན་བྱེ་བྲག་པ་ནི། ཕྲ་རྡུལ་གཟུགས་དཔྱད་རིག་པ་དང་། འཛམ་གླིང་

རིག་པ། རྩ་ཁམས་རིག་པ། སེམས་དོན་རིག་པ་ཐེ་བའི་སེམས་ཁམས་རིག་པ་བཅས་ཡིན། ངོས་ཀྱི་ཤེས་རིག་

སློབ་སྦྱོང་དེ་སངས་རྒྱས་པའི་བསམ་བློ་ཡིན་སྟབས་ནང་ཆོས་ཀྱི་བསམ་ཚུལ་གལ་ཆེ་རྣམས་དང་ཚན་རིག་གི་བསམ་

བློ་གལ་ཆེན་ཁག་གི་བར་འབྲེལ་བ་ཇི་འདྲ་ཞིག་ཡོད་དམ་སྙམ་པའི་བསམ་བློ་ཡང་ཡང་འཁོར་མྱོང་།དེབ་འདི་ནི་

དེ་ལྟར་བསམ་བློ་རྒྱུན་རིང་འཁོར་བའི་འབྲས་བུ་དང་། བོད་ཀྱི་ནང་བའི་དགེ་འདུན་པ་ཞིག་ལྦུ་བའི་ཁང་པ་

དང་། རྡུལ་ཕྲན་མྱུར་མགྱོགས་གཏོང་བྱེད། ཨེཕ། ཨེམ། ཨར། ཨ་ཡིའམ། ཁབ་ལེན་ནུས་ཤུགས་འདྲ་ལེན་

བཅས་ཀྱི་འཛམ་གླིང་ནང་ཤེས་ཡོན་གྱི་འགྲུལ་བཞུད་བྱས་སྐོར་ཡིན། ཞེས་གསུངས་པ་བཞིན་ཆོས་ཚན་གཉིས་

སོ་སོར་མ་འདང་བའི་ཆ་གང་ཡོད་དང་། སོ་སོར་དམིགས་བསལ་གྱི་ཁྱད་ཆོས་དང་ཕན་ནུས་གང་ཡོད་བཅས་སུ་

ཚད་གཞི་མཐོ་ཞིང་། གཟིགས་རྒྱང་ཡངས་པོའི་སྒོ་ནས་རྒྱུན་གྱི་དགོངས་ཚུལ་གང་ཡོད་ཁར་དམིགས་བསལ་གྱིས་

ཚན་རིག་དང་ནང་ཆོས་སམ། བཤད་སྟངས་གཞན་ནས་བཤད་ན། ཚན་རིག་དང་བོད་བརྒྱུད་ནང་བསྟན་མཚན་

ཉིན་རིག་པ་གཉིས་གཤིབ་བསྡུར་བྱས་པའི་ཞིབ་འཇུག་གི་དུས་ཡུན་བགྲང་བྱ་སུམ་ཅུའི་ནང་གསར་རྟོགས་དང་། 

ངོས་ཟིན་གང་བྱུང་ཞིབ་གསལ་ངང་བཀོད་པའི་དཔེ་དེབ་གྲགས་ཆེན་ཞིག་རེད། དེབ་འདི་དང་འབྲེལ་བའི་ཡིད་

སྤྲོའི་གནས་ཚུལ་ཞིག་ཡོད་པ་ནི། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དེ་སྔ་༧གོང་ས་མཆོག་གི་གསུང་བསྒྱུར་

པ་དགེ་བཤེས་ལྷག་རྡོར་སོགས་ཤེས་འཇོན་ལྷག་བསམ་ཅན་ཁག་ཅིག་གིས་དེབ་འདི་ཉིད་བོད་ཡིག་ནང་བསྒྱུར་ཏེ་

རིང་མིན་དཔེ་སྐྲུན་འགྲེམས་སྤེལ་གནང་རྩིས་ཡོད་པ་རེད། དེ་འདྲའི་ཕྱག་ལས་བཟང་བོ་འདི་ལེགས་འགྲུབ་བྱུང་

ཚེ། ཕྲན་གྱི་རེ་བར་དེབ་འདི་ཉིད་སྤྱིར་བོད་མི་སུས་ཀྱང་ལྟ་ཀློག་བྱེད་དགོས་པ་ཙམ་དུ་མ་ཟད། ལྷག་པར་དུ་

ཆོས་ཚན་གང་རུང་གི་ཕྱོགས་འཛིན་གྱི་ལྟ་བའི་མཐར་ལྷུང་མཁན་ཚོས་དམིགས་བསལ་གྱིས་ཞིབ་གཟིགས་གནང་

གལ་ཆེ་བའི་སྔོན་མེད་ལེགས་བཤད་ཀྱི་སྐྱེས་གསར་བ་ཞིག་ཡིན། དབྱིན་ཡིག་ནང་གི་དཔེ་དེབ་འདི་ཉིད་བཙལ་

འཚོལ་བྱེད་མི་ཚོས་དེབ་<<THE UNIVERSE IN A SINGLE ATOM>>

མིང་འདིའི་ཐོག་ནས་འཚོལ་ཞིབ་བྱེད་དགོས་པ་བཅས་མཚམས་སྦྱོར་མདོར་བསྡུས་སུ་བགྱིས་པའོ།

August 9, 2007

སངས་རྒྱས་ཀྱི་བསྟན་པ། དབྱིན་བོད་ཤན་སྦྱར།

Filed under: Uncategorized — tibetanboy @ 12:42 pm

༧  སྡིག་པ་ཅི་ཡང་མི་བྱ་ཞིང་། ། 

Commit not one unwholesome deed, 

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

But gather a wealth of virtue, 

རང་གི་སེམས་ནི་ཡོངས་སུ་འདུལ། །

Subdue your mind in its entirety,

འདི་ནི་སངས་རྒྱས་བསྟན་པ་ཡིན། །

This is the Teaching of Buddha.


༧ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།། 

All {contaminated}phenomena arise from causes, 

དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།།

Which were described by the Tathagata,

དེ་ལ་འགོག་པ་གང་ཡིན་པ། ། 

That which leads to their cessation, 

དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །

Was also explained by the Paragon of Virtue.

ཧི་མ་ལ་ཡ་བོད་ཡིག་མཉེན་ཆས།

Filed under: Uncategorized — tibetanboy @ 9:49 am

  མཉེན་ཆས་འདི་ནིvistaམ་ལག་ནང་གི་བོད་ཡིག་གཏགས་ཆས་གསར་བ་དེ་ཚུར་འདོན་བྱས་པ་ཡིན། 

གཏགས་ཆས་འདི་ནི་དེ་སྔོན་གྱི་བོད་ཡིག་གཏགས་ཆས་གཞན་དང་མི་འདྲ་སྟེ། འདི་ནིMicrosoft

ཀུང་ཟིས་གསར་གཏོད་བྱས་པ་དང་གཏགས་ཐབས་འཛམ་གླིང་གཅིག་གྱུར་ཡིན་པ་མ་ཟད། ཡིག་མཛོད་ཀྱང་

རྒྱལ་སྤྱིའི་ཨང་སྒྲིག་ལྟར་བཟོས་ཡོད་པས་རྩིས་འཁོར་གང་རུང་ནས་བོད་ཡིག་ཐད་ཀར་འཆར་ཐུབ་པ་རེད། 

འདིས་སྔོན་གྱི་བོད་ཡིག་གཏགས་ཆས་སྣ་མང་དང་ཡིག་མཛོད་གཅིག་གྱུར་མ་ཡིན་པའི་གནད་དོན་དེ་སེལ་

བར་བྱས་ཡོད་སྟབས་མ་འོངས་བའི་བོད་ཡིག་བརྡ་འཕྲིན་ཐག་གཅོད་དང་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་

ཐོན་ཡོད་པ་རེད།  དེས་ན་ང་ཚོ་ཚང་མས་འདི་ཉིད་རྒྱ་ཆེར་སྤྱོད་རྒྱུར་དོན་སྙིང་ཆེན་པོ་ལྡན་པ་རེད།

ཕབ་ལེན་གྱི་གནས་འདིར་རྡེག་རོགས།  ཕབ་ལེན་གནས་དང་པོ།

August 8, 2007

ཐོག་མའི་གཏམ།

Filed under: Uncategorized — tibetanboy @ 6:00 pm

  དེ་རིང་གནས་འདི་ནས་ཡོངས་ཁྱབ་ཀྱི་བོད་ཡིག་ཧི་ལ་ཡ་བོད་ཡིག་གིས་་

རང་གི་མཐོང་ཐོས་མྱོང་གསུམ་ཅི་དགར་སྤེལ་ཆོག་པའི་བོད་ཡིག་ཟིན་བྲིས་

ཤིག་རྙེད་པ་ནི་སྤྲོ་བ་འབུམ་གྱིས་མྱོས་ཤིང་། སླད་མར་ཡང་ནང་ཆོས་དང་་

འབྲེལ་བའི་རྩོམ་ཡིག་ཁག་སྤེལ་ཅི་ཐུབ་བྱེད་ཀྱི་ཡིན་པས། ལྷན་རྒྱས་རྣམ་ལ་

ཐུགས་ཕན་མི་ཉུང་བ་རེ་ཡོང་ཐུབ་པའི་སྨོན་འདུན་སྙིང་ནས་ཞུའོ།།

                                                   སྒོ་བུ་ཡོན་ཏན་ནས་གུས་ཕུལ།

Theme: Rubric. Blog at WordPress.com.

Follow

Get every new post delivered to your Inbox.